叶露泽拉

གཞས་ཚིག།ཁྲི་བཀྲ་རྒྱམ།

  • གཞས་ཚིག།ཁྲི་བཀྲ་རྒྱམ།
  • གཞས་གདངས།ལྷུན་འགྲུབ།
  • གཞས་པ། ཨོ་རྒྱན་འཕྲིན་ལས།
  • རོལ་མོ།ཤེར་བྷ།
  • གཡུ་ལོ་རྩེ་ལ།
  • ལྕང་མ་གཡུ་ལོ་རྩེ་ལ།
  • ཁུ་བྱུག་རེ་རེ་བབས་བྱུང་།
  • ཁུ་བྱུག་གསུང་དབྱངས་མ་རེད།
  • སྙན་པའི་གཞས་ཆུང་ཡིན་སོང་།
  • ལྕང་མ་ལགས་ཡ། ལྕང་མ་ལགས།
  • ལྕང་མའི་གཡུ་ལོ་ཁྲོ་ལོ་ལོ།
  • ཁུ་བྱུག་གསུང་དབྱངས་ལྷང་སེ་ལྷིང་།
  • རྒྱ་ཤིང་ཤིག་པའི་རྩེ་ལ།
  • རྨ་བྱ་རེ་རེ་བབས་བྱུང་།
  • རྨ་བྱའི་སྒྲོ་གུར་མ་རེད།
  • སྒེག་པའི་གར་སྟབས་ཡིན་སོང་།
  • ཤིག་པ་ལགས་ཡ། ཤིག་པ་ལགས།
  • ཤིག་པའི་དྲི་ཞིམ་ཐུ་ལུ་ལུ།
  • རྨ་བྱའི་གར་སྟེབས་ལྡེམ་སེ་ལྡེམ།
  • འབྲས་ལྡན་ལྗོན་པའི་རྩེ་ལ།
  • ཅོ་ཀ་རེ་རེ་བབས་བྱུང་།
  • ཅོ་ཀའི་དྲུག་འགྱུར་མ་རེད།
  • གཞོན་པའི་གླུ་སྐད་ཡིན་སོང་།
  • ལྗོན་པ་ལགས་ཡ། ལྗོན་པ་ལགས།
  • ལྗོན་པའི་འདབ་ལོ་སྔོ་ལྷེམ་ལྷེམ།
  • ཅོ་ཀའི་དྲུག་འགྱུར་སེང་སེ་སང་།
00:00
-00:00
Xem chi tiết bài hát
快来加入我的合唱吧!

24 0 1

6-2 22:18 Xiaomi23090RA98G

Quà

Tổng: 0 0

Bình luận 0